འདི་ན་དུས་རབས་ཀྱི་མངལ་ལས་བལྟམས་པའི་སྨོན་ལམ་མཉེན་ཆས་ཀྱིས། མ་འོངས་པར་རྒྱང་འབོད་བྱེད་བཞིན་ཡོད། February 19, 2009
 
སྨོན་ལམ་དྲ་ཚིགས་ཀྱི་སྐོར།

སྨོན་ལམ་བོད་ཡིག་དྲ་ཚིགས་ནི། ལོ་ངོ་སྔ་ཕྱི་འདི་དག་ལ་རང་ཉིད་ཀྱི་འབད་རྩོལ་ལ་བརྟེན་ནས་གྲུབ་པའི་མཉེན་ཆས་ཁག་སྔ་ཕྱི་དང་། དེང་དུས་རྒྱལ་སྤྱིའི་ཁྱོན་ཡོངས་སུ་དར་ཆེ་ལ། སྤྱོད་སྒོ་མང་བ་དང་། རིན་མེད་དུ་འགྲེམས་སྤེལ་བྱེད་བཞིན་པའི་མཉེན་ཆས་ཀྱི་སྐོར་རང་རེའི་སྤྱི་ཚོགས་ཁྲོད་ངོ་སྤྲོད་དང་། དར་ཁྱབ་གཏོང་བའི་ཆེད་དུ་དམིགས་པ་ཞིག་ཡིན། དེ་ཡང་ད་ལྟ་རྒྱ་ཁྱབ་ངང་དར་བཞིན་པའི་གླེང་མོལ་མཉེན་ཆས་སྣ་ཚོགས་ཤིག་ཡོད་ལ། ཕལ་མོ་ཆེ་དབྱིན་ཡིག་དང་རྒྱ་ཡིག་གི་སྟེང་ནས་སྤྱོད་པ་ལས་བོད་ཡིག་སྟེང་གསར་དུ་གོམ་པ་སྤོས་ཙམ་ལས་མེད་པ་དང་། བོད་ཡིག་ཐོག་སྤྱོད་མཁན་རྣམས་ལ་ཡང་ཡིག་གཟུགས་འགྱུར་ལྡོག་ལ་བརྟེན་པའི་དཀའ་ངལ་སྣ་མང་འཕྲད་བཞིན་པ་སེལ་ཐབས་དང་། ད་ལྟ་རྩོམ་སྒྲིག་པ་ཚོས་བོད་ཡིག་གི་དཔེ་དེབ་དང་ཚགས་པར་སྒྲིག་སྦྱོར་སོགས་ལ་དགོས་མེད་ཀྱི་དཀའ་ངལ་ལྷག་མ་མང་པོ་ཞིག་མྱོང་བཞིན་པ་རྣམས་ལ་ཅུང་སྟབས་བདེ་དང་ཉེ་ལམ་བརྒྱུད་ཐབས་རེ་མཁོ་སྤྲོད་བྱེད་པ་སོགས་ལ་དམིགས་པ་ཞིག་ཡིན། དྲ་ཚིགས་འདི་སྒྲུབ་པའི་བརྒྱུད་རིམ་ཁྲོད་མི་རིགས་དང་རིག་གནས་ལ་ལྷག་བསམ་དཀར་བའི་བདག་གིས་བློ་ཐུབ་གྲོགས་པོ་བྱམས་པ་དང་རྡོ་རྗེ་གཉིས་དང་ར་རྒྱ་བློ་དབང་བཅས་ནས་བླ་མེད་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བ་ལ་བརྟེན་ནས་གྲུབ་པས་ཁོང་རྣམ་གཉིས་ཀྱིས་གཙོས་བདག་ལ་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་གནང་བའི་གྲོགས་པོ་རྣམས་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན།

སྨོན་ལམ་བོད་ཡིག་གི་སྐོར།

སྐད་གདངས་མཉེན་ཆས་ཀྱི་སྐོར།

སྨོན་ལམ་བོད་ཀྱི་སྐད་གདངས་མཉེན་ཆས་འདི་ནི། འབྲེལ་ཡོད་ཚོགས་སྡེ་ཁག་ལྔ་དང་མི་སྣ་དྲུག་ཅུ་རེ་བརྒྱད་ཀྱིས་འཕྱར་གྲུ་མཉམ་འདེགས་བྱས་ཏེ་ལོ་ངོ་གཅིག་ལྷག་རིང་འབད་བརྩོན་ལ་རྟེན་ནས་ད་ཆ་ལེགས་འགྲུབ་བྱུང་ཡོད། ལས་རིམ་འདིར་རོགས་རམ་གནང་མཁན་ཁག་གིས་མཚན་གཞུང་ཀ་མད་ཀྱི་གོ་རིམ་ལྟར་སྒྲིག་པ་གཤམ་གསལ།
ཚོགས་སྡེ་ཁག་གི་མཚན་གཞུང་།
བོད་ཀྱི་དཔེ་མཛོད་ཁང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་། བྷེལ་ཀོབ་བུ་ཁྱིམ། བོད་ཀྱི་དུས་བབ།
བློ་འདྲི་ཡུལ་དང་རོགས་རམ་གནང་མཁན་ཁག
ཀརྨ། ཀརྨ་སྨོན་ལམ། བཀྲ་ཤིས་རྒྱ་མཚོ། རྒན་སྐལ་བཟང་། གཡུ་ཐོག་ཀརྨ་དགེ་ལེགས། དགེ་བཤེས་ལྷག་རྡོར། དགེ་བཤེས་སྐལ་བཟང་དགྲ་འདུལ། ངག་དབང་རྡོ་རྗེ། རྔ་བ་ཚེ་རྒྱམ། ཆུང་ཚེ་ཚེ་རིང་། མཆོག་བསྟན་འཛིན་སྨོན་ལམ། འཆི་མེད་རིག་འཛིན། འཇམ་དཔལ་གྲགས་པ། འཇམ་དཔལ་བློ་ཤེས། དོན་འགྲུབ་ཚེ་རིང་། མདོ་སྔགས། རྡོ་རྗེ་དབང་ཕྱུག ན་ག་སངས་རྒྱས་བསྟན་དར། ནམ་མཁའ་རིན་པོ་ཆེ། རྣམ་རྒྱལ་ཚེ་རིང་། སྣར་སྐྱིད་ངག་དབང་དོན་འགྲུབ། བྱ་ཉལ་རྟ་མགྲིན་ཚེ་རིང་། བྲེ་སྲང་ཚེ་རིང་། བློ་བཟང་རྒྱལ་མཚན། བློ་བཟང་སྙན་གྲགས། རོང་བོ་བློ་བཟང་སྙན་གྲགས། ལུང་རིགས་རྒྱལ། བསོད་ནམས་རྒྱལ་མཚན། སངས་རྒྱས་བཀྲིས། ལྷ་མོ་སྐྱབས། ཨ་ལགས་འཇིགས་མེད།
ལས་རོགས་ཁག་གི་མཚན་གཞུང་།
མཁྱེན་རབ་རྒྱ་མཚོ། སྒྲོལ་དཀར། ངག་དབང་རྡོ་རྗེ། ཆུ་སྐྱེས་སྒྲོལ་མ། འཆི་མེད། འཇམ་དབྱངས། བསྟན་འཛིན་པད་སྒྲོན། བསྟན་ཉི། བསྟན་འཛིན་མཁས་མཆོག བསྟན་འཛིན་རབ་རྒྱས། མཐར་ཕྱིན། དཔལ་ལྡན། པད་སྒྲོན། པདྨ་སྒྲོན། པདྨ་དབྱངས་ཅན། པད་མ་ལྷུན་འགྲུབ། སྤྲོ་ཚིགས་ཆོས་གྲགས། བྱང་པོ། བྱམས་པ། སྦྱིན་པ་ཡར་འཕེལ། བྷུད་ངྷ་སྐྱབས། སྨོན་ལམ་སྒྲོལ་མ། ཟློས་དགེ་ཟླ་བ་ཚེ་རིང་། བསོད་ནམས་བཟང་པོ། ལྷག་པ་བདེ་སྐྱིད། ལྷག་སྒྲོན། ལྷག་པ་སྒྲོལ་དཀར།  
གོང་གསལ་ཁག་གིས་ལྷག་བསམ་ཟོལ་མེད་ཀྱིས་མི་རིགས་ཞིག་གི་ཆག་འཇིག་ལ་དགོངས་ནས་གུས་པའི་ལས་རིམ་འདིར་མཉམ་ཞུགས་གནང་བར་ལས་རིམ་འདིའི་འགན་ཁུར་བ་བདག་དང་བསམ་ཡོད་ཅན་གང་མང་ཞིག་གིས་ཐུགས་རྗེས་བཀའ་དྲིན་ལན་བརྒྱར་ཞུ་བཞིན་ཡོད།

སྨོན་ལམ་བོད་ཡིག་དྲ་ཚིགས་འདིའི་བདག་དབང་གཞན་ལ་མེད་པས་འདིའི་ནང་ཡོད་པའི་མཉེན་ཆས་ཁག་ཚོང་རྫས་ནམ་ཡང་བྱེད་མི་ཆོག