སྨོན་ལམ་བོད་ཡིག་དྲ་ཚིགས་ནི། ལོ་ངོ་སྔ་ཕྱི་འདི་དག་ལ་རང་ཉིད་ཀྱི་འབད་རྩོལ་ལ་བརྟེན་ནས་གྲུབ་པའི་མཉེན་ཆས་ཁག་སྔ་ཕྱི་དང་། དེང་དུས་རྒྱལ་སྤྱིའི་ཁྱོན་ཡོངས་སུ་དར་ཆེ་ལ། སྤྱོད་སྒོ་མང་བ་དང་། རིན་མེད་དུ་འགྲེམས་སྤེལ་བྱེད་བཞིན་པའི་མཉེན་ཆས་ཀྱི་སྐོར་རང་རེའི་སྤྱི་ཚོགས་ཁྲོད་ངོ་སྤྲོད་དང་། དར་ཁྱབ་གཏོང་བའི་ཆེད་དུ་དམིགས་པ་ཞིག་ཡིན། དེ་ཡང་ད་ལྟ་རྒྱ་ཁྱབ་ངང་དར་བཞིན་པའི་གླེང་མོལ་མཉེན་ཆས་སྣ་ཚོགས་ཤིག་ཡོད་ལ། ཕལ་མོ་ཆེ་དབྱིན་ཡིག་དང་རྒྱ་ཡིག་གི་སྟེང་ནས་སྤྱོད་པ་ལས་བོད་ཡིག་སྟེང་གསར་དུ་གོམ་པ་སྤོས་ཙམ་ལས་མེད་པ་དང་། བོད་ཡིག་ཐོག་སྤྱོད་མཁན་རྣམས་ལ་ཡང་ཡིག་གཟུགས་འགྱུར་ལྡོག་ལ་བརྟེན་པའི་དཀའ་ངལ་སྣ་མང་འཕྲད་བཞིན་པ་སེལ་ཐབས་དང་། ད་ལྟ་རྩོམ་སྒྲིག་པ་ཚོས་བོད་ཡིག་གི་དཔེ་དེབ་དང་ཚགས་པར་སྒྲིག་སྦྱོར་སོགས་ལ་དགོས་མེད་ཀྱི་དཀའ་ངལ་ལྷག་མ་མང་པོ་ཞིག་མྱོང་བཞིན་པ་རྣམས་ལ་ཅུང་སྟབས་བདེ་དང་ཉེ་ལམ་བརྒྱུད་ཐབས་རེ་མཁོ་སྤྲོད་བྱེད་པ་སོགས་ལ་དམིགས་པ་ཞིག་ཡིན། དྲ་ཚིགས་འདི་སྒྲུབ་པའི་བརྒྱུད་རིམ་ཁྲོད་མི་རིགས་དང་རིག་གནས་ལ་ལྷག་བསམ་དཀར་བའི་བདག་གིས་བློ་ཐུབ་གྲོགས་པོ་བྱམས་པ་དང་རྡོ་རྗེ་གཉིས་དང་ར་རྒྱ་བློ་དབང་བཅས་ནས་བླ་མེད་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བ་ལ་བརྟེན་ནས་གྲུབ་པས་ཁོང་རྣམ་གཉིས་ཀྱིས་གཙོས་བདག་ལ་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་གནང་བའི་གྲོགས་པོ་རྣམས་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན།